ཐུབ་བསྟན་ཀུན་ཕན་གླིང་གླེང་བ།

 ༄༅།།  ཐུབ་བསྟན་ཀུན་ཕན་གླིང་ནི་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ལྟར་བོད་བརྒྱུད་ནང་བསྟན་སྤྱི་དང་བོད་ཀྱི་རིག་གཞུང་སྒོམ་གཞི་སྲོལ་བཟང་དེ་ཉིད་མི་ཉམས་རྒྱུན་འཛིན་དང་འཛམ་གླིང་སྤྱིའི་བདེ་རྩར་གཙོ་འཛིན་ཐོག་ཕྱོགས་མཐའ་ཁག་ལ་རྒྱུད་སྤེལ་བྱ་རྒྱུའི་དམིགས་ཏེ་ཆེད་འཛུགས་བྱས་པའི་ཁྱད་མེད་ཀྱི་ཆོས་ཚོགས་ཞིག་ཡིན་ཞིང་། རླབས་ཆེན་གྱི་བཀའ་སློབ་གོང་དོན་ལྟར་ཚོགས་པའི་ངོས་ནས་ད་བར་མང་ཚོགས་སྤྱི་དང་ལྷག་པར་ན་གཞོན་རྣམས་ལ་མིག་ཏེ་ནང་ཆོས་སློབ་འཁྲིད།  སྒོམ་སྒྲུབ་ཉམས་ལེན།      སེམས་ཁམས་རིགས་པའི་གླེང་བ་སོགས་སྤྱི་ཚོགས་ནང་ཤིན་ཏུ་གལ་གནད་ཆེ་བའི་བརྗོད་གཞི་སྣ་མང་ཐོག་བགྲོ་གླེང་། ཟབ་སྦྱོང་དང་སློབ་འཁྲིད་ཀྱིས་བློ་གསར་དད་ལྡན་མང་ཚོགས་རྣམས་ལ་ཕན་པའི་ཞབས་ཞུ་གང་ཙམ་སྒྲུབ་ཁུལ་དང་།   ལས་རིམ་དེ་དག་རྒྱུད་ནས་ད་བར་མང་ཚོགས་ལ་སེམས་ལ་ཞི་བདེ་དང་ཀུན་སྤྱོད་བག་ཕེབས་ཡོང་རྒྱུ་ལ་ཕན་པ་གང་ཙམ་ཡོང་གི་ཡོད་པ་མ་ཟད་འཛམ་གླིང་ནང་མུ་མཐའ་མེད་པའི་འགལ་ཟླའི་རིགས་རྣམས་ཞི་བའི་ཆེད་བློ་རིགས་གསར་པ་ཞིག་བསྐྲུན་ཐུབ་པ་བྱུང་ཡོད་པའི་རེ་བ་ཡིན།

          གོ་སྐབས་འདིའི་བརྒྱུད་ཐུབ་བསྟན་ཀུན་ཕན་གླིང་ནས་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་མཆོག་ནས་བྱམས་པ་དང་སྙིང་རྗེ་གཞི་རྩར་འཛིན་པའི་བཀའ་སློབ་ལམ་སྟོན་རྣམས་བགྲོ་གླེང་།  སློབ་འཁྲིད་སོགས་ཐབས་བྱུས་སྣ་ཚོགས་ཐོག་མཛད་རིམ་མང་དག་ཞིག་གོ་སྒྲིག་ཞུ་འཆར་ལ་མང་ཚོགས་ནས་མཉམ་བཞུགས་གང་མང་གནང་རྒྱུ་དགེ་སྐུལ་ཞུ།

ཐུབ་བསྟན་ཀུན་ཕན་གླིང་ཆོས་ཚོགས་ནས།

Thupten Kunphenling is a non-profitable Tibetan Buddhist Center dedicated to the preservation and promotion of Tibetan Buddhism for the benefit of all sentient beings. Under the guidance of His Holiness Sakya Gongma Trichen Rinpoche, the 41st throne holder of Sakya school of Tibetan Buddhism, we strive to organize numerous activities such as meditation or mindfulness class, Dharma teaching, retreat and so on, especially for our younger generation. We believe that organizing such program will be beneficial for all at this time of endless conflict in this world. Therefore, we warmly welcome everyone to experience the love and compassion of His Holiness Sakya Gongma Trichen Rinpoche through all of Thupten Kunphenling ’s events in days ahead.

Board member of Thupten Kunphenling

April 15, 2022